རྒྱལ་ཡོངས་སྐད་ཡིག་དང་ ལུང་ཕྱོགས་གཞན་གྱི་མིང་ཚིག་སླ་བསྲེས་སྦེ་སླབ་མི་ཚུ་ ད་རུང་ཧེང་སྐལ་ར་དར་ཁྱབ་གཏང་ནི་མེན་པར་ རྒྱལ་ཡོངས་ཁ་སྐད་ལུགས་ལུགས་གཞི་སྦེ་སླབ་ནི་ལུ་ གོམས་འདྲིས་ཚུད་བཅུག་དགོཔ་འདི་ འབྲུག་མི་ག་ར་ཕོག་པའི་འགན་ཁག་ཅིག་ཨིན་པས།
དེ་འབད་ནི་འདི་གིས་ དཔེ་ཅིག་འོག་ལུ་བཀོད་དེ་ཡོད།
མིང་ཚིག་སླ་བསྲེས། རྒྱལ་ཡོངས་སྐད་ཡིག་དག་ཤོས།
༡ སྐྱེལ་འདྲེན་བྷསི། སྐྱེལ་འདྲེན་སྣུམ་འཁོར།
༢ གློག་རིག་ཀམ་པུའི་ཊར། གློག་རིག
༣ རྒྱང་མཐོང་ཊི་བྷི། རྒྱང་མཐོང་།
༤ གླུ་སྒྲོམ་རེ་ཌིའོ། གླུ་སྒྲོམ།
༥ འགྲུལ་འཕྲིན་མོ་བྷཡིལ འགྲུལ་འཕྲིན།
༦ ཆུ་ཚོད་གྷ་རི། ཆུ་ཚོད་འཁོར་ལོ།
༧ ཆུའི་ཊེང་། ཆུ་མཛོད། ཆུ་རྫིང་།
༨ ཆུ་དུང་པག་ཡིབ། ཆུ་དུང་།
༩ པུ་ལིས་དམག་མི། ཁྲིམས་སྲུང་དམག་མི།
དེ་ནང་དཔེ་ཅིག་མ་གཏོགས་ ཡོད་ཚད་མེད་ཚད་ག་ར་བཀོད་མ་ཚུགས། ཨིན་རུང་མཁྱེན་པའི་བདག་པོ་ཚུ་གིས་ ཐུགས་ཁར་འཆར་མི་ཚུ་འདི་ནང་འབྲི་སྟེ་བཀའ་དྲིན་བསྐྱང་གནང་ལགས།
x
དང་ཕུའི་ལུགས་སྲོལ། ད་རེས་ཀྱི་ལོ་རྒྱུས། Preservation Bhutanese Culture
Labels
- གདོང་ཤོག (2)
- དཔྱེ་གཏམ་གསལ་བའི་མེ་ལོང་། (32)
- དམིགས་ཡུལ། (2)
- རྒྱལ་ཡོངས་སྐད་ཡིག (17)
- ལཱ་སྐོར། (5)
- ལུང་ཕྱོགས་ཀྱི་མིང་གནས་བྱུང་ཚུལ། (40)
2018/06/26
ཁ་སྐད་སླ་བསྲེས།
ཀ་དང་འབྲེལ་བའི་དཔྱེ་གཏམ་གྱི་རིགས།
- ཀ་ཁ་ག་ང་ང་གིས་མི་ཤེས།། བཀའ་འགྱུར་བསྟན་འགྱུར་ཐ་ར་ར།།
- རྐངམ་གཅིག་ནང་དང་། །རྐངམ་གཅིག་ཕྱི་ཨིན་པས།
- རྐངམ་ཕར་ཁར་དཔྱང་། །ཉིམ་ཚུར་ཁར་བསྲོ། །
- དཀའཝ་མ་སྤྱདནི་འབྲས་བུ་མི་འཐོབ།
- དཀར་གནག་གནམ་བྱཱར་གྱི་གློག་ཀེམ་དེས་ཀེམ།།
- དཀོན་མཆོག་མཆོད་པ་བདག་མི་ཕམ།
- ཀོཝ་ཉི་མའི་དྲོད་དང་བསྟུན་ཏེ་འཕུ།
- སྐོམ་རུང་སྨྱོ་ཆང་མ་འཐུང་། །སྡུག་རུང་ཕ་གཞིས་མ་བཙོང་། །
- སྐྱོམ་མེདནི་རྟ་རྒས་ཉོ། །སྐྱོམ་རྟ་རྒས་ཀྱིས་འབག་ནུག །
- སྐྱིདནི་གནམ་མཁའི་བྱ་ཡང་འཁོར།།སྡུགནི་མཆན་གྱི་བུ་ཡང་སྤང་།།
2018/05/18
ཕགཔ་དང་འབྲེལ་བའི་དཔྱེ་གཏམ་གྱི་རིགས།
རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ མི་སྡེའི་བརྡ་བརྒྱུད་ཝི་ཅེཌ་ཀྱི་ཐོག་ལུ་ དང་ཕུ་དིང་ཕུ་ལས་སླབ་སྲོལ་ཡོད་པའི་དཔྱེ་གཏམ་ཚུ་
སྲུང་བཟུམ་ཅིག་སྦེ་བཞག་མ་ད་པ་ སྟག་ཤི་རུང་ དོམ་རོ་ལོངས།།ཟེར་བའི་དཔེ་བཟུམ་སྦེ་
ཕམ་རྒས་ཤོས་ཚུ་ཁ་ས་ཡིས་བཅད་ཆི་རུང་ ད་ལྟོ་རྒས་གཞོན་རན་ཏོག་ཏོ་སྦེ་སྡོད་མི་ཆ་ཁྱབ་ཀྱིས་
དེ་བསྒང་བསོད་ནམས་ཅན་གྱི་ཕམ་ཚུ་གིས་སླབ་ས་གོ་མི་ཚུ་ ནང་ཁོག་པའི་ཧིང་ལུ་རུལ་མ་བཅུག་པར་
ཞར་ཞོར་དར་ཁྱབ་གཏང་ནི་དང་། རྟིང་མ་བུ་གཞི་ཚུ་གི་མཐའ་དོན་ལུ་བདོག་གཏད་སྦེ་བཞག་ནིའི་ཐབས་ལམ་ཅིག་ལཱ་ཁག་སྦེ་འཚོལ་མི་དགོ་པར་
མི་སྡེའི་བརྡ་བརྒྱུད་ཐོག་ལུ་འཇམ་ཏོང་ཏོ་སྦེ་ སྟབས་བདེའི་ཞིབ་འཚོལ་འབད་ཚུགས་པའི་ལམ་ཅིག་འདུག་ཟེར་མནོ་སྟེ་
ད་རེས་ཉིནམ་༢ཀྱི་རིང་ དོན་ཚན་ སྒོ་ནོར་སེམས་ཅན་ཕགཔ་དང་འབྲེལ་བའི་ དཔྱེ་གཏམ་གསུང་གྲོས་གནང་པའི་བསྒང་ཡོདཔ་ལས་
ནཱ་བཞུགས་མི་མཁས་པ་ཚུ་གིས་ ལྟག་གི་དོན་ཚན་དང་འབྲེལ་བའི་དཔྱེ་གཏམ་རེ་འབྲི་སྟེ་བཀའ་དྲིན་བསྐྱང་གནང་ཞུ་ནི་ཨིན།།
ལཱ་སྐོར།
རྫོང་ཁ་སླབ་ཐངས་གྲོས་བསྟུན་ཞབས་ཏོག་ལས་སྡེ་འདི་ ཧེ་མ་རྫོང་ཁ་སླབ་ཐངས་སྡེ་ཚན་སྦེ་འགོ་བཙུགས་ཞིནམ་ལས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ དང་ཕུ་དུས་རྒྱས་ཀྱི་རྫོང་ཁའི་མིང་ཚིག་ཐང་མེདཔ་ཅིག་གུར་ གསུང་གྲོས་མནོ་མནོཝ་ཅིག་གནང་ཡི།
2018/05/17
རྫོང་ཁའི་ཡིག་སྡེབ་ཅོག་འཐདཔ་སྦེ་འབྲི་དགོཔ།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ མཁས་ཚོགས་ཞལ་འཛོམས་ཐེངས་༢པའི་ནང་ བརྡ་བརྒྱུད་ལས་ཁང་ཚུ་དང་ གཞན་རྫོང་ཁ་ལག་ལེན་འཐབ་མི་ཆ་ཁྱབ་ཀྱིས་ རྫོང་ཁའི་ཡིག་སྡེབ་གཅིག་མཚུངས་འབྲི་དགོཔ་སྦེ་ཐག་བཅད་ཡོད་པའི་འདྲ་བཤུས་ངོ་མ་འོག་ལུ་ཡོད།
2018/05/15
ཡིགུ་དང་རྗོད་སྒྲ་གཅིག་མཚུངས།
༉ དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་
ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་དང་ ཆོས་སྐྱོང་དཔལ་ཡེ་ཤེས་མགོན་པོས་སྡོང་གྲོགས་མཛད་དེ་
སྨན་ལྗོངས་རྒྱལ་ཁབ་ནང་བྱོན་ཞིནམ་ལས་ ཐེད་ཐིམ་གཉིས་ཀྱི་ས་གནས་ནང་ ཆོས་སྲིད་ལུགས་གཉིས་ཀྱི་གཞུང་སྐྱོང་ལྟེ་བ་གཞི་བཙུགས་གནང་བའི་སྐབས་
ལུང་ཕྱོགས་ནང་ཧེ་མ་ལས་སླབ་སྲོལ་ཡོད་པའི་ཁ་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་སྦེ་ངོས་འཛིན་གནང་ནུག
དེའི་ཤུལ་མ་ བཀའ་དྲིན་ཅན་གྱི་མངའ་བདག་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ཐུགས་ཀྱི་དགོངས་དང་ རྒྱལ་སྤྱིའི་འགྲོ་ལུགས་དང་བསྟུན་ཏེ་
འབྲུག་གི་རྒྱལ་ཡོངས་ཁ་སྐད་རྫོང་ཁ་དེ་ཡང་ བརྡ་སྦྱོར་རིག་པའི་རྣམ་གཞག་ལས་མ་འགལཝ་ཅིག་སྦེ་
ཚད་ལྡན་གྱི་སྐད་ཡིག་ཅིག་སྦེ་དར་ཁྱབ་གཏང་ནིའི་དོན་ལུ་ རྫོང་ཁ་ཞུང་རྐྱང་རྐྱབ་མི་ཚུ་དང་འབྲེལ་བ་འཐབ་སྟེ་
མིང་ཚིག་ཡིག་ཐོག་ལུ་འབྲི་ནི་འགོ་བཙུགས་གནང་ནུག
ཨིན་རུང་དེའི་སྐབས་ རྫོང་ཁ་ལྕེ་མཆུ་དག་དྲག་སྦེ་སླབ་མི་ཚུ་དང་ཕྱད་མ་ཚུགསཔ་ད་
ཡངནི་ཡིག་ཐོག་ལུ་བཀོད་མི་ཚུ་གིས་ རང་སོའི་གཡུས་སྐད་ཀྱིས་ཤན་ཞུགས་ཏེ་ ཁ་ལས་སླབ་མི་འདི་
ཡིག་ཐོག་ལུ་བཀོདཔ་ད་ དག་ཆ་བཏོན་མ་ཚུགས་ནི་འདི་གིས་ ད་རིས་ནངས་པ་ཚིག་མཛོད་དང་ དཔེ་དེབ་མང་ཤོས་ཅིག་ནང་
ཡིགུ་ནང་ག་ཡོད་མི་འདི་ལྷག་པ་ཅིན་ རྗོད་སྒྲ་མ་དག་པའི་སྐྱོན་སྦོམ་འདུག
མ་གཞི་ ལ་ལུ་ཅིག་གིས་ ཡིག་ཐོག་ལུ་འབྲི་མི་དང་ཁ་ལས་སླབ་མི་གཉིས་
དབྱེ་བ་ཡོདཔ་སྦེ་ཁུངས་བཀལ་དོ་ཡོད་རུང་ སྐད་ཡིག་མཁས་མཆོག་ཚུ་གིས་འབད་བ་ཅིན་ ཡིགུ་དང་རྗོད་སྒྲ་མ་འདྲཝ་སྦེ་བཏོན་དགོ་པའི་
མིང་ཚིག་གྱངས་ཁ་ཆོདཔ་ཅིག་མ་གཏོགས་ གཞན་ཚུ་ཡིགུ་དང་འཁྲིལ་ཏེ་རྗོད་སྒྲ་བཏོན་དགོ་ཟེར་ཨིན་པས།
རྒྱུ་མཚན་དེ་ཚུ་ལུ་བརྟེན་ཏེ་ སྐད་ཡིག་གཉིས་པ་སྟོན་མི་སློབ་དཔོན་ཚུ་ལུ་སྟབས་མ་བདེཝ་མེད་རུང་
ཕ་མའི་ཁ་སྐད་རྫོང་ཁ་རྐྱབ་མི་སློབ་དཔོན་ཚུ་ དཔེ་ཆ་སྟོནམ་ད་མགུ་འཐོམས་ཏེ་ཡོདཔ་ཨིན་པས།དཔེ་འབད་བ་ཅིན་
འབུང་གཏང་། འབུང་གམ།ཟེར་མི་ཚུ་སྔོན་འཇུག་མེད་པ་ཅིན་རྗོད་སྒྲ་ བུང་གཏང་། བུང་གམ།ཟེར་འཐོན་དོ་ཡོད་ནི་འདི་གིས་
གོ་བརྡ་འཛོལ་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ སྐྱོན་སྦོམ་ཤོས་ཅིག་སྦེ་བརྩིཝ་ཨིན་རུང་ ལ་ལུ་ཅིག་གིས་སྔོན་འཇུག་ཡོད་རུང་མེད་རུང་
རྗོད་སྒྲ་ཅོག་འཐདཔ་སྦེ་འཐོནམ་ཨིན་ཟེར་སྣང་དག་མེད་ནི་འདི་གིས་ རྗོད་སྒྲ་དག་ཏོག་ཏོ་དང་
ཡིག་སྡེབ་གཅིག་སྦེ་འབྲི་ནི་ལུ་ ལུ་ལཱ་ཁག་བཏངམ་ཨིན་པས།
2018/04/12
མཇལཝ་མས་ཟེར་མི་ལུ་དཔྱད་པ།
འབྲུག་ལུ་ད་རིས་ནངས་པ་ ཆེ་མཐོའི་ཞལ་འཛོམས་གནང་སར་དང་ མི་དམངས་འཛོམས་འདུ་རྐྱབ་སར་ བརྡ་བརྒྱུད་ནང་ གསལ་བཤད་འབད་མི་ཚུ་གིས་ཡང་ ཕོག་ལམ་དང་མ་འཁྲིལ་པའི་ཚིག་མཇལཝ་མས་ཟེར་མི་འདི་ ལོག་ཅི་ལོག་ཅི་ར་སླབ་སྲོལ་ཡོད་མི་འདི་ ན་འཐན་སྦེ་དབྱེ་བ་དཔྱད་ལྟཝ་ད་ ལ་ལུ་ཅིག་གིས་ ཨིན་ཅི་མིན་ཅི་བློའི་བར་ན་ཚིག་དེ་སྦེ་བཙུགས་ཏེ་སླབ་དགོཔ་འདྲས་མནོ་སྟེ་ རོགས་ཀྱིས་སླབ་པས་ཟེར་དཔེ་ལྟ་སྟེ་ ལས་ཀྱིས་ར་དར་ཁྱབ་གཏངམ་ཨིན་པས།
མ་གཞི་མཇལཝ་མས་ཟེར་མི་ཚིག་སླབ་ནི་འདི་གིས་ རྒྱལ་ཁབ་ལུ་གནོད་པ་དང་ མ་བཏུབ་སྦོམ་ཅིག་ག་ནེ་ཡང་མེད་རུང་ རྒྱལ་ཡོངས་སྐད་ཡིག་དར་ཁྱབ་གཏང་པའི་ནམ་དུས་ལུ་ མིང་ཚིག་ཚུ་ཕོག་ལམ་དང་འཁྲིལ་ཏེ་མིན་པར་ ག་ཚུད་གུ་ཚུད་སྦེ་སླབ་པ་ཅིན་ གཞོན་སྐྱེས་ཚུ་གིས་དཔེ་བལྟ་སྟེ་ མཇུག་ལས་མཇུག་སུ་ རྫོང་ཁ་མ་དགཔ་འགྱོ་ནིའི་ཉེན་ཁ་སྦོམ་འདུག
ད་ལྟོའི་སྐབས་ལུ་ མཇལཝ་མས་ཟེར་མིའི་ཚིག་འདི་ བར་ན་ག་དེ་སྦེ་བཙུགས་ཏེ་སླབ་དོ་ཡོདཔ་ཨིན་ན་ དཔེ་ཅིག་འོག་ལུ་བཀོད་དེ་ཡོད།
༡ ད་རིས་ནངས་པ་ཁྲོམ་ཁར་ ན་གཞོན་ཚུ་གིས་ སྨྱོ་རྫས་ལག་ལེན་འཐབ་སར་མཇལཝ་མས།
༢ ཁྲོམ་ཁར་སྣུམ་འཁོར་ལམ་ཧོ་ག་འཐོན་ཏེ་ཡོདཔ་སྦེ་མཇལ་ཡི།
༣ ནཱ་གིས་དམངས་ཁར་དེ་སྦེ་ཞུ་དགོཔ་ཅིག་མ་མཇལ།
དེ་བཟུམ་གྱི་ཚིག་ཐང་མེདཔ་ཅིག་ཡོད་རུང་ ཡིགུ་མང་པས་ཟེར་མནོ་སྟེ་དཔེ་ཅིག་ལས་བརྒལ་མ་བཀོད། གཞན་དལ་གཞིར་ ༡༽ན་གཞོན་ཚུ་གིས་ སྨྱོ་རྫས་ལག་ལེན་འཐབ་སར་མཐོང་ཅི། ༢༽ ཁྲོམ་ཁར་སྣུམ་འཁོར་ལམ་ཧོ་ག་འཐོན་ཏེ་འདུག ག་ར་གིས་མཐོང་མཐོངམ་འོང་། ཡང་ཅིན་གཟིགས་གཟིགསཔ་འོང་། ༣༽ ནཱ་གིས་དམངས་ཁར་དེ་སྦེ་ཞུ་དགོཔ་ཅིག་མི་ནུག ཡང་ཅིན་ཞུ་དགོཔ་མེད་ཟེར་ རྫོང་ཁའི་ཚིག་སླབ་དགོ་བདེ་ཏོག་ཏོ་མང་ཧེད་རྫོགསཔ་ཅིག་ཡོད་རུང་ ལཱ་ཁག་བཅུ་གསུམ་བཟོ་སྟེ་ བགོད་བྲ་སི་སི་སྦེ་སླབ་ནི་སྤང་དགོཔ་འདུག་ཟེར་མནོཝ་མས།
Subscribe to:
Posts (Atom)
ཕྲལ་གྱི་གནད་དོན།
དྲགཔ་མཁས་པའི་ཐོ་བཀོད། Registration for DDK
མཚན། Name (required) གློག་འཕྲིན་འདི་འོག་གི་ས་སྟོང་ནང་འདྲ་བཤུས་ཕབ། (Mention below this email dzongkhakyed2017@gmail.com (required) འགྲུལ་འཕ...
-
ཁ་ནང་གི་རྨ་འདི་ལྕེ་གིས་བཅོ་དགོ། ཁ་ལུ་ཚུད་པའི་ཟས་ལྕེ་གིས་འཕུད་མ་ད། ཁ་སྐམ་མེ་འཕུཝ་དེས་འཕུ།
-
༉ རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་ཅོག་ར་འཐདཔ་སྦེ་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་མིང་ཚིག་ རེམ་གཉིསམ་ཅིག་ ཡིགུ་གི་སྒྲ་སྒྱུར་ཏེ་སླབ་དགོཔ་ཡོ...
-
༉ ག་དེ་པ་ལས་ རྫོང་ཁ་སླབ་ཐངས་སྡེ་ཚན་འགོ་བཙུགས་ཞིནམ་ལས་ ད་རེས་ནངས་པ་གི་ལམ་ལུགས་དང་འཁྲིལ་ཏེ་ ཡོངས་འབྲེལ་འཆར་སྒོ་འཇམ་སམ་ཅིག་བྲིས་ཏེ་ཡོད་རུང་ དང་...