2019/11/27

དར་ཁྱབ་གཏང་དགོ་པའི་ཚིག

༉ དང་ཕུ་དུས་རྒྱས་ལས་སླབ་ནི་ཡོད་པའི་མིང་ཚིག་ཚུ་ ད་རེས་ནངས་པ་སླབ་མི་གངམ་མི་ནུག།  དེ་འབད་ནི་འདི་གིས་ དར་ཁྱབ་གཏང་ནིའི་ཐབས་ལམ་ག་དེ་སྦེ་བཏོནམ་དྲག་ག་ ནཱ་ཆ་ཁྱབ་ཀྱིས་གསུང་ནི་བཅའ་ནི་རེ་མེད་ག་ལགས།
  1. བསྐངམ་སྐོར།
  2. ཁ་མེད་ཟློ་མེད།
  3. གྲམ་དཔྱ།
  4. ངོ་བོ་ཀེ་ཀེ།
  5. ཅོ་ཏོ་ཀེར་ཀེ།
  6. ཆབ་ཏོ།
  7. རྗེས་ཧིང་བརྡར།
  8. གཉའ་བཀལ།
  9. ཐོབ་ཆག།
  10. མདས་དཔོན་རྒསཔ།
  11. རྣོས་ཁེག་ཁེ།
  12. སྤ་ཏ་སྤོག་ཏོ།
  13. ཕྱམ་ཕྱིམ།
  14. བམ་ཏོ།
  15. མེན་རྫུ་ལོག་ལོ།
  16. ཙམ་ཙུམ།
  17. ཚ་སྦྱིས་ཐོར་ཐོ།
  18. ཞོར་འདྲིས་རྐྱབ།
  19. ཟུང་གཅིག
  20. གཡོ་འབྱིད་ཀོབ་འབྱིད།
  21. རུ་འཁྱེག་རྐྱབ།
  22. ལོད་ད་ནུག།
  23. བཤེད་སྐྱོགས་།
  24. ས་གཞི་ས་རྟེན།
  25. ཧང་ཏོ་མ།
  26. ཨ་མེད་ཨུ་མེད།
ལྟག་ལུ་བྲིས་ཡོད་མི་ མིང་ཚིག་ལུ་ དེ་འཕྲལ་ལས་ནཱ་ལུ་བྲིས་བཞག་བཞགཔ་མ་གཏོགས་ མཐའ་དཔྱད་མེནམ་ཐུགས་ཁར་བསྣམ་གནང་།
ག་ཡུད་མེད་པ་ནཱ་གིས་མཁྱེན་པ་ཅིན་ ཞུ་དག་འབད་དེ་བཀའ་དྲིན་བསྐྱང་གནང་།

2019/08/15

ཡ་བཏགས་འགྲེང་བུའི་རྗོད་སྒྲ་བཏོན་དགོཔ།

༉ རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་ཅོག་ར་འཐདཔ་སྦེ་   འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་མིང་ཚིག་ རེམ་གཉིསམ་ཅིག་ ཡིགུ་གི་སྒྲ་སྒྱུར་ཏེ་སླབ་དགོཔ་ཡོད་པའི་གྲས་ལས་གཅིག་   ཡ་བཏགས་འགྲེང་བུ་ལུ་སྒྱུར་ཏེ་ལྷག་དགོ།  དེ་མིན་པ་ཡིགུ་གི་དག་ཆ་དང་འཁྲིལ་ཏེ་སླབ་པ་ཅིན་   རྗོད་སྒྲ་ཕྱེད་དག་སྦེ་གོཝ་ཨིནམ་ལས་ སྒྲ་སྒྱུར་ཏེ་སླ་དགོ་མི་འདི་ དང་ཕུ་ལས་ར་དེ་སྦེ་སླབ་སྟེ་ཡོད་པའི་   ལུང་པའི་ངག་གཤིས་ཅིག་ཨིན་པས།   དཔེ་ཅིག་འོག་ལུ་བཀོད་དེ་ཡོད།

  • བྱ་མདངས།   ༼   རྗོད་སྒྲ་བྱེ་མདངས།༽
  • བྱ་སྒྲོ   ༼   རྗོད་སྒྲ་བྱེ་སྒྲོ། ༽

2019/08/13

ཤུལ་མའི་རྗོད་ཚིག་གི་སྔོན་འཇུག་ཡར་འདྲེན་གྱི་མིང་ཚིག་གི་རིགས།


 

སྔོན་འཇུག་དང་མགོ་ཅན་དང་འདོགས་ཅན་ཚུ་ཡོད་པའི་རྗོད་སྒྲ་བཏོན་ཏེ་ལྷག་དགོ་པའི་རིགས།

བྱོང་དར།

སྦྱོང་བརྡར།

 

བྲེལ་བ་འཐབ།

འབྲེལ་བ་འཐབ།

སྔོན་འཇུག་འ་ཡོདཔ་སྦེ་ སྒྲ་སྒྱུར་དགོ།

གྲན་དུར།

འགྲན་བསྡུར།

སྔོན་འཇུག་འ་ཡོདཔ་སྦེ་ སྒྲ་སྒྱུར་དགོ།

ཞི་རྟེན།

གཞི་རྟེན།

ལ་མགོ་ཡོདཔ་སྦེ་ལྷག་དགོ།

 

 ཚིག་གྲོགས་འོག་མའི་སྔོན་འཇུག་འདི་ ཚིག་གྲོགས་ལྟག་གི་རྗེས་འཇུག་སྦེ་སྦྱར་ཏེ་སླབ་སྲོལ་ཡོད་པའི་མིང་ཚིག

དོན་དག་དང་འཁྲིལ་པའི་ཡིག་གཟུགས།

རྗོད་སྒྲ་བཏོན་ཐངས།

དྲན་གསོ།

 

སྐུ་མཆེད།

སྐུམ་མཆེད།

 

 

ཁ་བཤད།

ཁབ་བཤད།

ངག་གཤིས་དང་འཁྲིལ་ཏེ་སླབ་ཐངས།

 

བགོ་བཤའ།

བགོབ་བཤའ།

ངག་གཤིས་དང་འཁྲིལ་ཏེ་སླབ་ཐངས།

 

དགུ་བཅུ།

དགུབ་བཅུ།

 

 

ྒྱ་མཚོ།

རྒྱམ་མཚོ།

 

 

ལྔ་བཅུ།

ལྔབ་བཅུ།

ངག་གཤིས་དང་འཁྲིལ་ཏེ་སླབ་ཐངས།

 

དབུ་མཛད།

དབུམ་མཛད།

 

 

བཞི་བཅུ།

བཞིབ་བཅུ།

ངག་གཤིས་དང་འཁྲིལ་ཏེ་སླབ་ཐངས།

 

ས་བདག

སབ་བདག

ངག་གཤིས་དང་འཁྲིལ་ཏེ་སླབ་ཐངས།

 

ལྷ་བསང།

ལྷབ་བསང་།

ངག་གཤིས་དང་འཁྲིལ་ཏེ་སླབ་ཐངས།

 

ཚིག་གྲོགས་འོག་མར་སྔོན་འཇུག་མ་ཡིག་ཡོད་མི་ཚིག་གྲོགས་གོང་མའི་རྗེས་འཇུག་སྦེ་སྦྱར་ཏེ་སླབ་སྲོལ་ཡོད་པའི་མིང་ཚིག

དོན་དག་དང་འཁྲིལ་པའི་ཡིག་གཟུགས།

རྗོད་སྒྲ་གི་དོན་ལུ་རྐྱངམ་ཅིག་གི་ཡིག་སྡེབ།

 

 

ཡ་མཚན།

ཡམ་མཚན།

 

 

རྒྱ་མཚོ།

རྒྱམ་མཚོ།

རྒྱམ་མཚོ་གཏིང་རིང་པས།

 

ཡ་མཆུ།

ཡམ་མཆུ།

ཁའི་ཡམ་མཆུ་གུར་ཆུ་འབུར་བཀལ་ཆེ་ནུག།

 

མ་མཆུ།

མམ་མཆུ།

ཁའི་ཡམ་མཆུ་ཙུ་ནེ་གིས་ཤུར་བདའ་ཡི།

 



ཤ་ཚ་བའི་ཁ་ལས་གཏམ་ཧནམ་མི་འཐོན།

What is the impact of language on society, and what role does language play in social change?




For hundreds of years anthropologists and linguists have discussed the effect of culture on language and also how language affects society and the way we think. ... 
It is true that a society will make attempts to change its language or fight to keep the influences of other languages out.

2019/08/11

ཧ་སྡེ།

  1. ཧ་བ་མ་དགའནི། །ཕྱིས་པ་མི་དགའ། །
  2. ལྷ་གསརཔ་བ་འདྲེ་རྙིངམ་དྲག།
  3. ལྷང་མི་མི་ལུ་རྟ་ཡང་རེ། ཡངནི་ལྷང་མི་མི་ལུ་གཏའ་ཡང་རེ། དཔྱེ་གཏམ་འདི་ལུ་ སླབ་ཐང་མ་འདྲཝ་གཉིས་སྦེ་ཡོད་མི་འདི་ རང་སོའི་ཁུངས་སྐྱེལ་ཐང་དང་འཁྲིལ་ཏེ་འགྱོཝ་ཨིན་རུང་ དོན་དག་ལུ་ཁྱད་པར་མི་འདུག ཨིན་རུང་ དང་ཕུ་དུས་རྒྱས་ལས་སླབ་ནི་ཡོད་མི་དག་ཤོས་འདི་ ག་འདི་ཨིན་ན་ རྒས་ཤོས་ལུ་འདྲི་སྟེ་དབྱེ་བ་དཔྱད་དགོ་ནི་ཨིན་པས།

ཨ་སྡེ།

  1. ཨ་ལུ་དགའ་བ་ཇོ་ཇོ་སྐྱིདཔ།
  2. ཨ་ལུ་སྔུ་ས་ཨའི་ཕང་མ། །འོག་མའི་ཞུ་ས་གོངམ་ལུ། །
  3. ཨརཝ་ནང་ན་བཞག །ལྡེ་མིག་ཕྱི་ལས་རྐྱབ། །
  4. ཨོ་ལའི་ཕྱུག་གུ་ལུ་དཀར་ནག་ཕྱེ་ནི་མི་འོང་།
  5. ཨ་རོགས་གང་གི་ཤོ་རྒྱུག
  6. ཨ་ཟེར་བ་ཚིག་མེད།
  7. ཨ་ཕྱེད་གླུདཔ་ཕྱེད།
  8. ཨ་བ་གངམ་ད་དོང་འཚོལ།
  9. ཨརཝ་གི་མགུ་ལུ་བྱ་སྤུ་བཀལ།


ས་སྡེ།


  1. སེམས་ཁར་བཞགནི་དུག །ཁར་འཐོན་སྨན། །
  2. སེམས་ཀྱིས་མནོ་ཚེ་མ་འབད། །ཁ་ལས་འཐོན་ཚེ་མ་སླབ། །
  3. སེམས་གསལཝ་ལུས་ཀྱི་དགྲ།
  4. སྲོལ་ངན་ཕམ་མས་སྟོན་རུང་སྤང་། །སྲོལ་བཟང་དགྲ་ལུ་ཡོད་རུང་ལེན། །

ཤ་སྡེ།


  1. ཤ་ལུ་འགྱོ་བའི་གྱི་ར་ཨིན།
  2. ཤ་དང་ཚིལ་ལུ་གོང་མི་མཉམ།
  3. ཤེས་ཚད་རོགས་ལུ་མ་སྟོན། །མཁསཔ་རོགས་ཀྱིས་འབད་འོང་། །
  4. ཤེས་ཀྱང་མི་ལུ་འདྲི། །མགྱོགས་ཀྱང་རྟར་ཞོན། །

ལ་སྡེ།

ལ་མ་བརྒལ་ལ་རྩེའི་སྦུག །ཆུ་མ་བརྒལ་ཟམ་པའི་སྦུག །

ར་སྡེ།

ཡ་སྡེ།

ཡས་ཚང་། །བོན་བསྡུས། །

འ་སྡེ།

ཟ་སྡེ།

ཟ་མ་ཟ་གདོང་ལུ་བལྟ། །འབད་མ་འབད་ཤུལ་ལུ་བལྟ། །།
ཟཝ་རྒྱོཝ་སྟོན་མི་དགོ།
ཟ་ཤེས་པ་ཁ་འཕྱག་མ་ཤེསཔ།
ཟ་བའི་ཁ་ཡོད་པ། །གཅད་པའི་སོ་མེད། །
ཟོགཔ་རོགས་ལུ་འབདནི། །མ་བཏུབ་རང་ལུ་འཁོར། །


  1. ཞནམ་མཐོ་སར་བཀལནི་ཆུ་ཡང་བྱེ་གིས་འཇལ། །
  2. ཞནམ་མཐོངནི་བཀོལ་དགོ་མནོ། །དྲགཔ་མཐོངནི་བྱིན་དགོ་མནོ། །
  3. ཞན་མ་མནོ་ནི་གཅིག་ལས་མེད། །དེ་ཡང་ལྟོ་དང་ཚོདམ། །
  4. ཞན་མ་ཞནམ་ཟེར་སླབ་མི་དགོ། །ཞན་རྟགས་གློ་ལས་འབལ། །

ཚ།

ཚོ་ཚོཔ་བཏོག་ནི་དང་མ་ཚོཔ་གཞར་ནི།
ཚ་ཁ་བཟངནི། །རྒྱོ་ཁ་བཟང་། །

ཙ་དང་འབྲེལ་བའི་དཔྱེ་གཏམ།

  1. བཙག་དང་ཕྱདནི་དམར། །རམ་དང་ཕྱདནི་སྔོ། །
  2. རྩེད་མ་ལྷ་ཡོད། །ལྷ་ལུ་ཕྱེན་ཡོད། །
  3. རྩང་མ་བཙུག་པའི་ཚལ་ལུ་ཟ་ནིའི་རྩིས་མ་རྐྱབ།
  4. རྩིས་མེདནི་ཉེཝ་འཆམ།
  5. ཙིགཔ་ཀི་ཤི་ལུ་ཟ་བ། །ཧྲག་ཧྲོག་མེ་བཏང་། །


2019/07/19

མ་དང་འབྲེལ་བའི་དཔྱེ་གཏམ།


  1. མ་ཞོན་མི་རྟ་ལས་བབ་འཇམ།
  2. མ་སླབནི་མི་ཤེས། །མ་རྐྱབནི་མི་ཕོག །
  3. མ་གཏོགསནི་ཨ་ཁུ་ལྷ་གསོལ་ས་ཡང་མ་གཏོགས།
  4. མ་རྐྱབ་པའི་མདའ་ལུ་རྒྱལ་ཕམ་མེད།
  5. མ་རྐྱབ་པའི་མཚམས་ཁང་ནང་། །མ་བཏབ་པའི་ལོ་ཐོག །
  6. མི་ཕོ་རྐང་བཙུགས་རྒོད་མ་དྲགས། །ཕྱུག་པོའི་སེམས་ལུ་ག་མནོ་མེད། །
  7. མི་ཁ་མདོག་ཞན་མར་སླབ་དགོ་མནོ། །རྟ་རལཔ་ཅན་མར་བཞོན་དགོ་མནོ།། 
  8. མི་ཅིག་འོངན྄ི་ཆུང་ལས། །རྟ་ཅིག་འོངནི་རྟིའུ་ལས།།
  9. མི་གཅིག་དགའ་བའི་བསོད་ནམས་རྟ་གིས་ཡང་མི་ཐེག
  10. མི་མནོ་རིགས་མི་གཅིག །བྱ་སྤུ་རིགས་མི་གཅིག །
  11. མི་ཁར་མ་ཉན། །རྟ་ཁར་མ་ཞོན། །
  12. མི་མ་ཤི་བའི་ལཱ་ལུ་རྫོགས་ནི་མེད།།
  13. མི་རྒས་ཅི་གཡུས་དྲན། །བྱ་རྒས་ཅི་གདངས་དྲན།
  14. མི་ས་འོག་ལུ་ཐལ་རུང་། །གཏམ་ས་སྟེང་ལུ་ལུས།།
  15. མི་ངན་གྱིས་གཡུས་དཀྲོགས། །བྱ་ངན་གྱིས་གདང་དཀྲོགས།།
  16. མིང་མ་བཏགསནི་ཤ་མུ་གིས་ཡང་དུག
  17. མེ་མ་འཕུན྄ི་རྒྱཝ་མི་འཚིག 
  18. མེ་ཕར་འཕུ། །རྒྱཝ་ཚུར་འཚིག།
  19. མེ་ཆུང་དུས་ལས་བསད། །དགྲ་ཆུང་དུས་ལས་བཏུལ།།
  20. མེ་ཏོག་ཆུང་རུང་མཆོད་པའི་རྫས།



བ་དང་འབྲེལ་བའི་དཔྱེ་གཏམ།


  1. བ་དམརཔོ་འདི་གསད་དེ་ཟ་འདི་བཞོ་ཟཝ་དྲག
  2. བ་ཤི་དུས་ལུ་བོ་ངར་དགོ།
  3. བུ་ཕ་དང་མཉམ།  །བུམོ་མ་དང་མཉམ། །
  4. བོནམོ་རྔ་དང་བསྟུན་པའི་འཆམ།
  5. སྦོམ་ཆུང་བ་དང་བོའུ་ཅུང་། །རིང་ཐུང་ཁབ་དང་སྐུདཔ། །
  6. བྱོ་དེས་ཧམ། །སྦ་དེས་གཞིབ། །
  7. བྱག་དང་ཕྱདཔ་ད་བླམ་མཁྱེན། །ཐང་ནང་ལྷོདཔ་ཨེ་ཧུ་ཧུ། །
  8. བྱཱར་སུ་ཆུ་མཐོ། །དགུན་སུ་གེདཔ་མཐོ། །


2019/07/11

ཕ་དང་འབྲེལ་བའི་དཔྱེ་གཏམ།


  1. ཕ་ཡར་བུ་ཡར་སྔོན་གྱི་དགྲ།
  2. ཕ་སྤུན་རུསཔ་གསེར།
  3. ཕ་གིས་ག་འབད་བུའི་ལམ་སྟོན།
  4. ཕ་བསྒང་བ་བུ་བསྒང་དྲག
  5. ཕ་བསྒང་མནའ་མ་ཟནི། །བུ་བསྒང་དམ་མི་ཉམས།
  6. ཕ་བཟང་གི་བུ། །གྱི་བཟང་གི་ཤུབས།
  7. ཕ་ཤུལ་བུ་དང་གཡག་ཤུལ་ཀོཝ།། 
  8. ཕ་སེམས་མར་དང་བུ་སེམས་རྡོ།
  9. ཕགཔ་དང་འགྱན་ཨ་ཝ་མི་ཟ།། 
  10. ཕྱི་མ་དགཔ་ཆུ ་གིས་བཤལ། །ནང་མ་དགཔ་གཏམ་གྱིས་བསལ།། 
  11. ཕུང་ནང་སྟག་གི་རྗེས་མ་གཏོགས། །བྱི་ལིའི་རྗེས་མི་ནུག །
  12. ཕུང་ནང་སྦྱང་ཡོདན྄་སྒྱིད་པར་རླུང་ཞུགས། །གདང་ཁར་ཤ་ཡོདན྄་དཔྱལ་བར་ཨ་རིང་ཆགས།།
  13. ཕོ་གིས་ག་བསྟན་བུའི་ལམ།
  14. ཕོ་ཤི་སར་འགྱོ་རུ་དགའ་སྟེ་འགྱོ། །ཟམོ་ཟ་སར་འགྱོ་རུ་སྔུ་སྟེ་འགྱོ། །
  15. ཕོ་ཞན་རུང་སྤྲོད་མི་དང་། །མོ་དྲག་རུང་ལེན་མི། །
  16. ཕོ་རབ་གཅིག་གི་བློ་རྩལ་བ། །ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། །
  17. ཕོ་དྲུག་ཚོང་ལུ་འགྱོནི། །གཏམ་ངན་གཡུས་ལུ་ཁྱབ། །
  18. ཕོ་གིས་འཁྱིདནི་ག་འཁྱིད། །མོ་གིས་སླབནི་ག་སླབ།།
  19. ཕོ་འགྱོ་ཁེ། །མོ་སྡོད་ཁེ།
  20. ཕོ་དྲུག་ཚོང་ལུ་འགྱོནི།།གཏམ་ངན་གཡུས་ལུ་ཁྱབ། །
  21. ཕོ་ལོ་ཁལ་གསུམ་རྒས་རྒྱུ་མེད། །མོ་ལོ་བཅུ་དྲུག་གཞོན་རྒྱུ་མེད། །ཕོ་ལོ་ཁལ་གསུམ་རྒས་རྒྱུ་མེད། །མོ་ལོ་ལྔ་གསུམ་གཞོན་རྒྱུ་མེད། །ཟེར་མི་འདི་ དོན་གཅིག་ལུ་སླབ་ལུགས་གཉིས་འདུག  རྙིང་ཤོས་འདི་ག་ཨིན་ན་ དབྱེ་དཔྱད་གནང་དགོཔ་འདུག
  22. མ་ཞན་པའི་བུམོ་ཕད། །སློབ་དཔོན་ཞན་པའི་སློབམ། །ལས་སྒོ་རྒས་པའི་རྒྱས་རེ།། 
  23. ཕྱུག་པོའི་རྨགཔ་འབད་དགོནི། །སྒྱིད་པར་རླུང་ཞུགས་དགོ། 
  24. ཕྲང་པའི་མདའ་གིས་མདུང་ཐེག

པ་དང་འབྲེལ་བའི་དཔྱེ་གཏམ།

2019/07/09

ན་དང་འབྲེལ་བའི་དཔྱེ་གཏམ།


  1. ནཝ་མངནི་ཤི་བའི་དགྲ། 
  2. ན་མི་གིས་འཁུན། །གཡ་མི་གིས་ཀྲེག
  3. ནང་སྟག །ཕྱི་བྱི་ལི། །
  4. ནང་ལྕགས་ཐག་ཡང་དཀྲོལ་སག་ས། །ཕྱི་བལ་ཐག་ཡང་བཏོག་མ་ཚུགས། །
  5. ནང་མནོ་བའི་དོན་ཧིང་མེདནི། །ཕྱི་བལྟ་བའི་མིག་ཏོ་ཞརཝ། །
  6. མནོ་སར་སྟ་རེས་མི་ཕོག དྲང་པོ་ཤིང་གིས་གག །
  7. ནམ་དུས་དང་བསྟུན་པའི་གོ་གྱོན། །དུས་དང་བསྟུན་པའི་ཟས་ཟ།།
  8. མནོ་བའི་ཤིང་ཁར།།བསམ་པའི་བྱ་འཁོར།

ད་དང་འབྲེལ་བའི་དཔྱེ་གཏམ།

  1. དང་པ་ཨ་ལུ་དགའ་བཅུག་དགོ། །དེ་ལས་ཨ་ལུ་སྔུ་བཅུག་དགོ། །
  2. མདའ་རྐྱབ་ཤེས་ཏེ་གཞུ་ཉོཝ་ཨིན།
  3. མདའ་ཕོག་སར་ཤ་དྲ་དགོ།
  4. མདའི་རྣ་བར་དུག་སྦྱརཝ་དེས་སྦྱར།
  5. མདའ་སྒལ་པར་འབག་སྟེ་བྱོག་མི་ཐལ།
  6. མདའ་རྐྱབ་ལུགས་མི་གཙོ་གཏད་ལུགས་གཙོ། མདའ་རྐྱབ་ལུགས་མི་གཙོ་སྟོན་ལུགས་གཙོ། ཟེར་སླབ་ལུགས་གཉིས་འདུག དག་ཤོས་ཐད་རི་སྦ་རི་འདི་ག་འདི་ཨིན་ན་དབྱེ་བ་དཔྱད་གནང་།
  7. རྡིག་ཟེརནི་སྤང་ནང་། །སོསཔ་ཟེརནི་ཚལ་མ་ནང་། །
  8. དེ་ལས་ལྷག་པའི་པད་ཤོ་མི་ནུག །
  9. དོམ་ལྟོགསཔ་ཤ་མུ་དང་ཕྱད་ཕྱདཔ་བཟུམ།
  10. རྡོ་བར་ནང་གི་ཐལཝ་མིན་པ། །ཤིང་བར་ནང་གི་སྤྱིན། །
  11. རྡོ་ཤིང་གུར་རྐྱབ། །བྱ་མགུ་ཡོལ་འཁོར། །
  12. གདུང་ཤིང་སྦོམ་རུང་ཁོང་སྟོང་། །ཁེངམ་ཆུང་རུང་མེ་ཏོག །
  13. གདོང་གིས་ལྟོ་མ་ཐོབ་པ། །དཔྱལ་བས་སྦོག་འདུ་སི་སི། །
  14. གདོང་ཉེསཔ་སེམས་ཀྱིས་ཚོར། 
  15. འདྲེ་ཤར་ལུ་བཞག །གཏོརམ་ནུབ་ལུ་རྐྱབ། །
  16. འདྲེ་དང་བུཚ་ཆུང་ལས་བཏུལ།
  17. འདྲོག་རུང་འདྲེ་དང་ཁྱིམ་ཚང་། །གྱང་རུང་ལ་དང་གདོང་སྐོར། །
  18. དྲག་རུང་ཉེཝ་གིས་དྲག་མི་སྟེར། །ཞན་རུང་ཉེཝ་གིས་ཞན་མི་སྟེར།

2019/07/08

ཐ་དང་འབྲེལ་བའི་དཔྱེ་གཏམ།

  1. ཐ་རྡུག་རུང་མ་གཞི་མ་བཙོང་།
  2. ཐང་ཐིག་སེམས་ཀྱིས་བཟོ།
  3. ཐང་བདེ་སའི་བཤེད་རེ་མིན་པར། །གེག་དོག་སའི་སྤར་རེག་ཨིན་པས། །
  4. ཐབས་དང་ཤེས་རབ་མེདནི། །ལུས་ཀྱི་དཔུང་བཤེད་ཡང་དགྲ་ཨིན། །
  5. ཐང་ནང་ལྷོད་ཚེ་ཨེ་ཧུ་ཧུ། །བྱག་དང་ཕྱད་ཚེ་བླམ་མཁྱེན་ནོ། །
  6. ཐགཔ་ཐུངནི་ཁུར་ཡངས།
  7. ཐག་རིང་རྒྱང་གི་ཉེ་བ། །དངས་རའི་ཁྱིམ་ཚང་དགའ། །
  8. འཐབ་པའི་ཚིག་ལུ་ཧནམ་མེད། །སྔུ་ཡི་གདོང་ལུ་ལེགསཔ་མེད། །
  9. ཐོབ་ཚེ་བསོད་སྡེ་མེདཔ་གིས་ཐོབ། །སག་ཚེ་བསོད་ནམས་ཅན་གྱིས་སག །
  10. ཐོབ་ནི་བདེ་ཆེན་ཕུག་གི་བསྐང་བརྒྱུདཔ་དེ་ཡང་མེད་པ། །ལྟོ་ལི་ཧས་ཕུག་གི་གཟའ་རྒྱུགཔ་དེས་རྒྱུག །
  11. ཐོག་སྤྱ་དཀར་གྱིས་ཟ། །སྦོག་སྤྱ་དམར་གྱིས་འདུ། །


ཏ་དང་འབྲེལ་བའི་དཔྱེ་གཏམ།

  1. གཏམ་བ་རྨ་བདེན། །རྨ་བ་རོགས་བདེན། །
  2. བཏུབ་གནམ་ལུ་སྟོན། །མ་བཏུབ་སར་བཙུགས།
  3. རྟ་བདེ་བ་སྒ་ཡངམ།
  4. རྟ་བཙོང་རུང་སྒ་མ་བཅོང་།
  5. རྟ་ཕར་མ་ཐལ།།སྒ་ཚུར་མ་ལུས།།
  6. རྟ་གིས་འཁྱིད་འདོད་རེ།།མི་གིས་བཞོན་འདོད་རེ།།
  7. རྟ་ལུ་བཀལནི་ཁུར་དང་།།མི་ལུ་བཀལནི་ངོ་ཚ།།
  8. རྟ་སྤུ་ལོག་གི་སྒྲིག་མིན་པར།།སྤུ་གནོན་གྱི་སྒྲིག་ལུ་གནས་དགོ།།
  9. རྟ་ཁ་སྲབ་ཀྱིས་བསྒྱུར། །ཕོ་ཁ་མོ་གིས་བསྒྱུར། །
  10. རྟ་ཞྭརཝ་ཆུར་བརྒལ་དེས་ཡང་བརྒལ།
  11. རྟ་རྒསཔ་དང་འགྲོས་ལྷབ།
  12. རྟ་ལས་རྨོ་རུང་ཨ་ཁུའི་ཞིང་། །འོག་ལས་རྨོ་རུང་ཨ་ཁུའི་ཞིང་། །
  13. རྟ་གསོ་བའི་དྲིན་ལན་རྡོག་པས་འཇལ།
  14. རྟ་ཉམས་བཞོན་ཏེ་ཤེས།།མི་ཉམས་འདྲེས་ཏེ་ཤེས། །
  15. སྟག་ཁམ་ཕར་དང་ཞོག་ཁམ་ཚུར།
  16. སྟགམོ་ལྟོགསཔ་ད་བུ་ཤ་ཟཝ།།
  17. སྟ་ཕོག་གཅིག་གིས་ཤིང་མི་ཆོད། །ཐོ་ཕོག་གཅིག་གིས་རྩ་མི་ཆོད། །
  18. སྟག་གསད་པ་རིགས་དགོ། །དོམ་གསད་པ་དཔའ་རྟགས་དགོ།།
  19. སྟེང་རྡོག་ཡངམ་ད། །འོག་རྡོ་འཕར། །
  20. སྟོད་གནམ་མ་མཐོང་། །འོག་ས་མ་མཐོང་། །
  21. ལྟོ་ཁ་ལས་ཟ་བ། །ལམ་ལྟག་ཀོ་ནང་ལས་བསྐོར། །ལ་ལུ་ཅིག་གིས་ལྟོ་ཁ་ལས་ཟ་བ། །ལགཔ་ལྟག་ཀོ་ནང་ལས་སྐྱོར། །ཟེར་དོན་གཅིག་ལུ་དཔེ་གཉིས་སྦེ་སླབ་ནི་ཡོད་མི་འདི་ དེ་བསྒང་ལས་སླབ་སྲོལ་ཡོད་པའི་དཔྱེ་གཏམ་རྙིང་ཤོས་འདི་ག་ཨིན་ན་དབྱེ་བ་དཔྱད་དགོཔ་འདུག།
  22. བལྟ་ལུགས་གཅིག་ལུ། །མཐོང་ལུགས་གཉིས།།
  23. གཏམ་བྱི་ཅུང་བདེན་པ་ལུ།།བང་ཧོ་ཕྲུག་གིས་བཅད།།
  24. གཏམ་ཚིག་གསུམ་གྱི་བརྡ་ལེན་མ་འཇལནི།།ཕ་དང་བུ་ཡང་ངོ་མི་ཤེས།།
  25. རྟོགས་པ་ལྷ་དང་མཉམ་རུང་། །སྤྱོད་པ་མི་དང་བསྟུན།།


ཉ་དང་འབྲེལ་བའི་དཔྱེ་གཏམ།


  1. ཉ་རྒས་པའི་མཁྲིསཔ། །སི་སི་རྒས་པའི་ཧིང་ལྕགས།
  2. གཉའ་ཤིང་ཐེག་པའི་གླང་དང་། །དགེ་སློང་ཐེག་པའི་རྟ་མིན་ནུག །

ཇ་དང་འབྲེལ་བའི་དཔྱེ་གཏམ།


  1. འཇིག་རྟེན་མ་ཕྱིས། །དམ་ཆོས་མ་ཧག །
  2. ཇ་ཡོདཔ་དགོན་པར་བསྐྱེལ། །མར་ཡོདཔ་དཔྱལ་བར་དབུར། །
  3. ཇ་ཞིམ་པ་མར་གྱི་བཀའ་དྲིན་ཨིན།

2019/07/01

ཆ་དང་འབྲེལ་བའི་དཔྱེ་གཏམ།


  1. ཆ་རོགས་ཞན་པ་ཨ་དྲི་མནམ།
  2. ཆང་བ་ཆུ་ཞིམ། །མེ་བ་ཐལཝ་དྲོ། །
  3. ཆང་མར་འཛུལ། །གཏམ་ཡར་འཐོན། །
  4. ཆང་ལེན་ཆུ་ཡིས་འཇལ།
  5. ཆང་བཞུ་མི་གིས་འཐུང་། །བློ་ཤེས་མི་གིས་སླབ། །
  6. ཆང་འཐུང་རིགཔ་གསལ།
  7. ཆརཔ་ཕར་ཀ་རྐྱབ། །ཟིལཔ་ཚུར་ཁར་རེག །
  8. ཆརཔ་ཆུ་ཡི་གྲོགས།
  9. འཆམ་ཚེ་ཧིང་གཏམ་མ་བཤད། །རྒྱགས་ཚེ་ཁ་ལན་མི་འབྱོར། །
  10. མཆེཝ་ཅནམ་དང་རྭཝ་ཅནམ་ལུ་བློ་མ་གཏད།
  11. ཆུ་མ་འོངམ་ལས་གཡུར་བ། །ནད་མ་འོངམ་ལས་རིམ་གྲོ། །
  12. ཆུ་དང་མ་ཕྱདཔ་ལས་ལྷམ་ཕུད།
  13. ཆུ་ཡོད་སར་ཆརཔ།
  14. ཆུ་དང་རྡུལ་མ་དམའ་སར་བུད།ཆུ་གིས་འབག་པའི་ལགཔ་ག་བཤེད་མེད། །ནང་དོག་པའི་ཁ་ལས་ག་སླབ་མེད། །
  15. ཆུ་དྭང་པ་ཉ་གསལ། །
  16. ཆུ་དགུན་སུ་བ་དྭངམ་མེད། །སེམས་རང་སེམས་ལས་གསལཝ་མེད། །
  17. ཆུ་ལས་ཐལ་རུང་། །བརྡར་རྡོ་ལས་མི་ཐལ། །
  18. ཆུ་འགྱོ་བའི་ཞོར་ཁར་རང་འཐག་དྲུད།
  19. ཆུང་ཚེ་རྟ་དང་མ་འདྲིས་པར། །སྦོམ་ཚེ་སྒ་ཆས་རྐྱབ་མ་ཤེས། །
  20. ཆུ་ཕུད་གཅིག་ལུ། །ལྷ་གསོལ་གཉིས་མི་བཏུབ། །
  21. ཆུ་ཤུལ་འགྱོ་བར་ཧེ་མའི་ལང་ཤོར།
  22. ཆུ་ལྷག་རྒྱ་གར་ཤར། །ནོར་འཕགས་པའི་དགེ་འདུན། །
  23. ཆུནི་ཟར་ལས་དབོག་ཆེ། །ཤིངནི་རི་ལས་འཐུ་ཆི། །
  24. ཆུ་མོའི་གཞུང་ཁར། །ཉ་མོའི་ཕོཝ།།
  25. ཆོས་རང་གིས་འབད་དེ་སངས་མ་རྒྱསནི། །རོགས་ཀྱིས་འབད་དེ་སངས་མི་རྒྱས།
  26. ཆོསཔ་རྒས་ཅིག་གྱལ་མགུ། །བོད་རྒས་ཅིག་གྱལ་མཇུག །
  27. ཆོས་མ་གོ་བའི་རྣཝ་སྤུ་སི་སི།
  28. ཆོས་ཟབ་སར་བདུད་ཟབ།
  29. ཆོསཔ་ཕྱེད་གོ་བས་ལྷག


ཅ་དང་འབྲེལ་བའི་དཔྱེ་གཏམ།


  1. ལྕགས་ལུ་ཞུན་དང་ཞུན་ལུ་མཐར།
  2. ལྕགས་ཨིན་སིང་སི་དང་། །རྡོ་ཨིན་ཀྲག་ཀྲ། །
  3. ལྕགས་དང་དྲོནམོ་ཚ་ཏོམ་བསྣལ།


ང་དང་འབྲེལ་བའི་དཔྱེ་གཏམ།

ངེའི་གདོང་བ་ཁྱོད་ཀྱི་རྒྱལ་གསལ།
སྔུའི་གདོང་ལུ་ལེགས་གོ་མེད། །འཐབ་པའི་ཚིག་ལུ་ཧནམ་མེད། །
ངོ་ཚ་བ་གལ་ཆེཝ་གདམ།

2019/06/27

ག་དང་འབྲེལ་བའི་དཔྱེ་གཏམ།

  1. ག་བ་ག་དྲག་མི་ཤེས།
  2. གངས་བར་ནང་གི་ཆུ་འཐུང་། །སྤྲིན་བར་ནང་གི་ཉིམ་བསྲོ། །
  3. དགའཝ་རང་གིས་བཟོནི་ག་བཟོ། །སྐྱོམ་རང་གིས་སློངནི་ག་སློང་། །
  4. དགའཝ་ཟད་སྐྱིདཔ་རྫོགས་རྫོགས་པའི་མི།
  5. རྒྱ་བརྡུང་ཟ། །བོད་བཞོང་ཟ། །
  6. སྒྱུར་མ་ཚུགས་པའི་ཆུ་སྒྱུར་བ་འདི། །སྒྱུར་ཚུགས་པའི་རྡོ་འགྱིརཝ་དྲག །
  7. མགུ་འཁྱུ་བ་གདོང་དགཔ།
  8. གྱི་དང་ཕོརཔ་གློ་ལུ་བཞག །ཆང་དང་འཐབམོ་ག་ཕྱད་མེད། །
  9. གྱི་རིང་ཐུང་གོམས་པའི་གཡབ་ཨིན།
  10. དགོན་པའི་རོ་ཁྱི་མ་བརྡུང་། །བླ་མའི་ཐུགས་ཁར་ཕོག་འོང་།།
  11. གྱོས་མི་ལུ་འདྲི། །ཐག་རང་གིས་བཅད།།
  12. གྱང་བར་ན་ར་འཐབ་དེས་འཐབ། བྱག་བར་ན་ར་འཐབ་དེས་འཐབ། དབྱེ་དཔྱད་མཛད་གནང་།
  13. གླང་དགའ་སར་ཐོངམ་ཆག
  14. གླང་ཅུང་དོག་ཆ་འགྲིགནི། །བཏབ་པའི་ལོ་ཐོག་ལེགས། །
  15. གླང་གཉིས་འཐབ་ད་གཅིག་རྒྱལ་དགོ།
  16. གླང་ཅུང་འབདནི་རྨོ་བཏུབ། །བ་ཐངམ་འབདནི་བཞོ་བཏུབ། །
  17. གླང་རྒྱ་ཚ་གིས་ཨ་བ་ལམ་ལྟག་ཡང་གཏང་འོང་། །ལམ་འོག་ལུ་ཡང་གཏང་འོང་།
  18. གླང་གིས་རྨོ་མ་སྟེར་བ་དང་། །བ་ཡིས་བཞོ་མ་སྟེརཝ་མི་འོང་། །
  19. རྒྱུ་མ་སྤགས་ཀྱི་གྲས་ཁར་མི་ཚུད།
  20. རྒྱུ་བར་སྟོང་གཏངམ་སྦྱིན་པ་མིན། །གླང་བརྙ་བར་གཏངམ་དཔའ་རྟགས་མིན།
  21. གླེན་གོ་ལྟད་མར་འགྱོ་བར། །མགོ་དང་རྐང་པས་གོ་མ་ཆོད། །
  22. སྒྱིད་པར་ཤ་མེད་པ། །གཉའ་བར་བྱ་ལ་བཀལ། །
  23. འགྱིར་མ་ཚུགས་པའི་རྡོ་འགྱིར་བ་འདི། །བསྒྱུར་ཚུགས་པའི་ཆུ་སྒྱུརཝ་དྲག །
  24. གོང་ཕུ་ནང་གི་མདའ་གཞུ། །བཀང་ས་ཡོད་རུང་རྐྱབ་ས་མེད། །


2019/06/25

ཁ་དང་འབྲེལ་བའི་དཔྱེ་གཏམ།

  1. ཁ་མཁས་མིའི་དཔོན།།མཇུག་དོག་སར་ཚུདནི་དེ་གིས་ཚུད།།ལཱ་ཤེས་མིའི་གཡོགཔོ།།ཟ་ཞིམ་ཅིག་ཟནི་དེ་གིས་ཟ།།
  2. ཁ་ཨོམ་ས་མ་ཎི་གྱངས་མང་རུང་།།ཐུག་ས་མདོ་འཛིན་རྩ་བར།།
  3. ཁ་ཐེག་ཁུར་འདྲོང་།།
  4. ཁ་རྒྱང་པ་རླུང་འཛུལ། །རླུང་འཛུལ་བ་སོ་འཁོལ།།
  5. ཁ་ལས་འཐོན་ཚེ་རླུང་། །རླུང་སྤར་བཞམ་ཚེ་གསེར།།
  6. ཁ་བཤད་ཆུ་ཡི་ལྦ་ག །ལག་ལེན་གསེར་གྱི་ཐིག་པ།།
  7. ཁ་བཤད་ཆུ་ཡི་ལྦ་ག །ནོརབུ་རྒྱ་མཚོའི་གཏིང་ལུ་མི་ཐིམ།།
  8. ཁ་དང་ལགཔ་འཐབ་ད་ཀི་ལི་ཟུར་ཁ།
  9. ཁག་ཆེ་མི་ཆེ་བླམ་ཆེ། །བླམ་བ་རང་ཆེ། །
  10. ཁ་ལུ་གུ་རམ་བཙུགས།།ཧིང་ཁར་ལ་ཆུ་བཀལ།།
  11. ཁ་གིས་ཨ་ཝ་ཟ།།མཆུ་ཏོ་དར་གྱིས་འཕྱག།
  12. ཁག་པའི་ལཱ་ཅིག་མ་འབདནི། །མངར་བའི་ཟས་ཅིག་མི་འཐོབ།།
  13. ཁྱི་མོ་མཇུགམ་མ་གཡུགནི། །ཁྱི་ཕོ་རྣཝ་མི་དཀྲོག།
  14. ཁྱི་ཟ་ས་ལས་ཧབ།
  15. ཁྱིའི་དགའ་ཚོར་མཇུགམ། །མིའི་དགའ་ཚོར་སེམས། །
  16. ཁྱི་གྱང་གུར་ཨེབནི། །ཤོར་ནི་ཆུ་དང་ཨ་ཝ། །ཁྱི་གྱང་གུར་ཨེབནི།།བཏབ་ནི་སོ་ར་ཨིན།།དབྱེ་དཔྱད་གནང་།
  17. ཁྱི་ནུབ་ཁྱི་བཟངམ་ཇོ་གིས་ཤེས།
  18. ཁྱི་དང་བུཚ་འཛུམ་མ་སྟོན། །སྟོན་ར་སྟོན་ལྡན་ལྕག་སྟོན། །
  19. ཁྱིམ་ཚང་བ་ཤི་རུང་། །མྱ་ངན་ཞག་གསུམ།
  20. ཁུ་རུ་པའི་ཆང་ནང་། །ཞོལ་ལེམ་གྱི་དྲིམ་ཅིག་ཡོད།།
  21. མཁོ་ཐང་ཁར་གླང་རྨོ་ནི་དང་། །དྭང་ཆུ་ཟམ་པར་ཉ་བཟུང་ནི་རྟགས་མི་མཐུན། །
  22. ཁུར་ཨ་པས་འབག་ཚེ་ཡང་ཡང་འདྲ། །ཟས་ཨ་མས་ཟ་ཚེ་ཞིམ་ཞིམ་འདྲ། །
  23. ཁུར་ཆ་གཡག་གིས་འབག །སྐད་འབྱོགཔ་གིས་རྐྱབ།
  24. ཁེ་གྱོང་མེད་པའི་ཞིང་ཁར། །ཡང་རྗིད་མེད་པའི་གླང་རྨོ།
དྲན་གསོ་   ལྟག་ལུ་བཀོད་དེ་ཡོད་པའི་དཔྱེ་གཏམ་ཚུ་   ཨིནམ་མེན་གྱི་དབྱེ་བ་དཔྱད་ནིའི་དོན་ལུ་མ་གཏོགས་   མཐའ་དཔྱད་སྦེ་བཀྲམ་ནི་མེནམ་ཐུགས་ཁར་བསྣམ་གནང་།

2019/06/10

ཀ་དང་འབྲེལ་བའི་དཔྱེ་གཏམ།


  1. དཀའཝ་མ་སྤྱདནི་འབྲས་བུ་མི་འཐོབ།
  2. སྐྱིདནི་གནམ་མཁའི་བྱ་ཡང་འཁོར། །སྡུགནི་མཆན་གྱི་བུ་ཡང་སྤང་། །
  3. སྐྱེནི་རང་གིས་སྐྱེས་བའི་བུ། །གསགནི་རང་གིས་བསག་པའི་ནོར། །


2019/06/05

རྫོང་ཁ་སླབ་ཐངས་ཀྱི་ལཱ་སྐོར།


 ༉   རྫོང་སླབ་ཐངས་སྡེ་ཚན་གྱིས་   ལོ་ངོ་༣ལྷགཔ་ཅིག་གི་རིང་ལུ་   མི་སྡེའི་བརྡ་བརྒྱུད་ཝི་ཅེཊ་ཐོག་ལས་   གསུང་གྲོས་གནང་སྟེ་   དེ་བསྒང་སླབ་སྲོལ་ཡོད་པའི་མིང་ཚིག་ཐོ་བཀོད་དེ་ཡོད་མི་ཚུ་  ད་རེས་ནངས་པ་དར་ཁྱབ་ཡོད་པའི་ཚིག་ཚུ་བཟུམ་སྦེ་   དར་ཁྱབ་གཏང་ནི་ལུ་རྩ་འགེང་དོ།
ཨིན་རུང་སེལ་ཏེ་ཟ་བ་ལྐོལམ་མི་ཐོག ཟེར་སླབ་དོ་བཟུམ་སྦེ་  གསུང་གྲོས་གནང་པའི་བཅུད་ག་དེ་སྦེ་ཐོན་ཡོདཔ་ཨིན་ན་ དཔེ་བཟུམ་ཅིག་འོག་ལུ་ཡོད།
ཀ་ཁལ་ཕྱད་དང་གཉིས་ལས་ རེ་རེ་ལུ་དཔྱེ་རེ་བཀོད་དེ་ཡོད་པའི་ མིང་ཚིག་ཚུ་གི་གོ་དོན་དང་  ཡིག་སྡེབས་དག་བཅོས་འབད་དགོཔ་ཡོདཔ་ལས་ མཐའ་དཔྱད་མེནམ་ཐུགས་ཁར་བསྣམ་གནང་།
ཀ༽ དཀར་སྒྲ་རྒྱུ་སྒྲ
ཁ༽ ཁ་བཀལ་མགུ་བཀལ།
ག༽   གླ་འགྲིག་ལྟོ་འགྲིག
ང༽  མངར་ཆོས་ཆོས།
ཇ༽   རྗེས་ཧིང་བརྡར།
ཉ༽   ཉིན་ཞག་བུབ་དགུ།
ཏ༽   རྟ་ཕྲག་མི་ཕྲག
ཐ༽   ཐོབ་ཆགས།
ད༽   དུ་རུ་རུ།
ན༽   ནོར་བརྗེ་ཨ་དྲགས།
པ༽   པ་རི་སུ་རི།
ཕ༽   ཕག་ཕོག
བ༽   བར་མ་རི་ཅུ།
མ༽   མིག་མི་འཇེབས།
ཙ༽   རྩིངམ་ཉེས་དྲགས།
ཚ༽   ཚ་སྦྱེལ་ཐོར་ཐོ།
ཛ༽   རྫ་རྡུགས།
ཞ༽   ཞོན་བརྒྱུ།
ཟ༽   ཟམ་ཐག་ཆོད།
འ༽   འོང་ཅུ་ཁེ་ཁེ།
ཡ༽   གཡོ་ཏོག
ར༽   རུམ་ཐུད།
ལ༽   ལག་བརྗེ་ལུགས་བརྗེ།
ཤ༽   ཤ་ཀྲེག་སྐྱི་ཀྲེག
ས༽   སྲེག་གོག
ཧ༽   ཧོ་ཏོམ་རྩིས།
ཨ༽   ཨུག་དྲི།
 དྲན་གསོ་   དེ་བསྒང་སླབ་ནི་ཡོད་པའི་ མིང་ཚིག་ག་དེ་སྦེ་ཡོད་ག་མཁྱེན་ནིའི་དོན་ལུ་དཔེ་སྦེ་ཕུལ་ཕུལཝ་མ་གཏོགས་ ཞུ་དག་རྐྱབ་རྐྱབ་མེནམ་ལས་   གཞན་ལུ་སྤེལ་མ་ད་ཟེར་ཞུ་ནི་དང་།  ཧེ་མ་ལས་མཁྱེན་མི་ཚུ་ཐུགས་བསུན་མ་ཆེ་ཟེར་གསོལ་བཏབ་ཞུ་དོ་ལགས།

2019/03/21

ཚ་ཆུ་ཕུའི་ས་གནས་ཁག་གི་མིང་གནས་བྱུང་ཚུལ།


སྤུ་ན་ཁ་ཆུ་ཕུ་ཚ་ཆུའི་གནས་བདག་མཁར་ཆེན་གྱི་རྒྱབ་ཁུངས།

ཨོ་རྒྱན་རིན་པོ་ཆེ་དང་ དཔལ་ཡེ་ཤེས་མགོན་པོའི་ལུང་བསྟན་དུས་ལུ་བབས་ཏེ་ དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་བཞེང་པའི་སྐབས་ གནས་བདག་གཞི་བདག་ཚུ་གིས་ རང་སོའི་ས་ཁོངས་ལས་བཅད་དེ་ ཕྱག་ཕྱིད་ཞུ་ནིའི་ཁས་བླངས་ཕུལ་བའི་སྐབས་ ཚ་ཆུ་ཕུ་གི་གནས་བདག་མཁར་ཆེན་གྱིས་ ས་ཁོངས་འདི་ ནགས་བཟང་ས་འབད་ནི་འདི་གིས་ ཅན་ལྡན། ཁ་ཤིང་། མཚན་ལྡན། སྟར་ཤིང་གི་རིགས་རྒྱགས་ཚད་ཡོདཔ་ལས་ ཤིང་གི་གཏེར་ཁ་ཕུལ་ནིའི་ཁས་བླངས་ཕུལ་ཏེ་ ཤིང་ཆས་ག་དེ་ཅིག་ ཕོ་ཆུ་བདའ་སྟེ་བསྐྱལ་བཏང་རུང་ རྫོང་བཞེང་ས་ལས་ ཤིང་ལང་པའི་བརྡ་ལན་ལྷོད་ནི་མེདཔ་ལས་ གནས་བདག་མཁར་ཆེན་གྱིས་ ལངམ་སྦྱིམ་སྒང་གི་ཟུར་ཁ་ལས་ རྫོང་བཞེང་སའི་ས་ཁོངས་ནང་གཡིབ་སྟེ་གཟིགསཔ་ ཞལ་ཕྱེད་ཀ་ཧོནམ་དང་ ཕྱེད་དཀརཔོ་སྦེ་བསྒྱུར་ཡར་སོངམ་མ་ཚད་ ཁ་ཆེ་སར་ཆད་སོང་ནི་འདི་གིས་ གནས་བདག་གི་མཚན་ཡང་ཁ་ཆདཔ་ཟེར་སླབ་ཨིནམ་སྦེ་ཁུངས་བཀལཝ་ཨིན་རུང་ གནས་པོའི་གསོལ་ཁ་ནང་ མཁར་ཆེན་དགྲ་ལྷ་ཡི་རྒྱལ་པོ་ཟེར་གསལ་ཏོག་ཏོ་སྦེ་བཀོད་དེ་ཡོད་ནི་འདི་གིས་ དེ་བ་ལྷག་པའི་བདེན་ཁུངས་བརྫངས་དགོཔ་མི་ནུག་ཟེར་མནོཝ་མས།

སྐྱེལ་པའི་ལོག 
ཆུ་ཕུ་ཚ་ཆུའི་གནས་བདག་གིས་ ཧེ་མའི་ཁ་ཚིག་དང་འཁྲིལ་ཏེ་ ཤིང་ཆས་ཕུལ་མ་བཏུབ་ཟེར་ སྤུངས་རྫོང་པའི་དམག་ཚུ་གིས་ དཔའ་རྟགས་གནམ་ཁར་འཕྱར། དགྲ་ལི་རླུང་ལུ་བསྐྱེལ། མེ་མདའ་པག་ཆེན་གྱི་འུར་སྒྲ་དང་བཅསཔ་སྦེ་ གནས་བདག་མཁར་ཆེན་བདའ་སྟེ་ ད་ལྟོ་བསྐྱེལ་པའི་ལོག་གཡུས་ཚན་ནང་དམག་འཐབ་པའི་ཤུལ་ལུ་ སྤུངས་རྫོང་པའི་དམག་ཚུ་ལོག་ཡར་སོ་ནི་འདི་གིས་ ས་ཁོངས་ཀྱི་མིང་ཡང་ལོག་པའི་ཐང་ཟེར་སླབ་ཨིནམ་སྦེ་བདེན་ཁུངས་བརྫངས་ནི་འདུག
ད་རུང་རྟིང་མ་སྤུངས་རྫོང་པའི་དམག་ཚུ་ ཚ་ཆུ་ཕུ་ལུ་འོངམ་ད་ གནས་བདག་མཁར་ཆེན་གྱིས་རྫུ་འཕྲུལ་བསྟན་ཏེ་ ལམ་ལྟག་ལས་ སྡེཔ་གུ་ལྕགས་སྐྱུར་ཏེ་དམག་རྐྱབ་སྟེ་འབད་རུང་ ལོག་རྟིང་མ་ སྤུངས་ཐང་རྫོང་གི་དོན་ལུ་ཤིང་ཆས་ཕུལ་ཡོདཔ་ཨིན་པས། ས་གནས་འདི་ནང་ ལམ་ལྟག་ལས་མར་རྡོ་བུད་འོང་སག་ས་སྦེ་ཡོད་མི་དང་ ཕྱག་བཤེད་རྡོ་གུ་བླུགས་པའི་གྲམ། ཆིབས་ཀྱི་ཆག་ཟ་སའི་ཤུལ་ཚུ་གསལ་ཏོག་ཏོ་སྦེ་ ད་ལྟོ་བར་ན་མཇལ་ནི་ཡོདཔ་ཨིན་པས།
བྱལ་སྒང་གི་རྒྱབ་ཁུངས།
ཤར་ཀ་གཞི་ལས་ མ་རྡོག་གཅིག་ལུ་བུ་རྡོག་གཅིག་ཨིན་མི་དོན་གྲུབ་ཟེར་ སྐྱེས་རིགཔ་བཟང་དྲགས་ཡོད་མི་འདི་ ཆུ་ཕུ་ཚ་ཆུ་ལྷོདཔ་ད་ གནས་བདག་མཁར་ཆེན་ལུ་གསོལ་ཁ་དང་ སྙན་གསོལ་ཕུལ་ཞིནམ་ལས་ ཆོས་རྒྱལ་དྲི་མེད་ཀུན་ལྡན་ ཐར་བཤུད་དཀའ་སྤྱད་གནང་སའི་རིའི་སྤྱི་ཏོ་གུ་ སྡོ་ཉམས་སྤྲོ་ནི་མས་ཟེར་ ག་གིས་བསྒོར་རུང་བསྒོར་མ་ཚུགས་པ་རྒྱབ་ཐལ་བའི་ཤུལ་ལུ་ རིའི་རྩེ་མོ་ལས་དུ་པ་བཏང་སར་ ཚ་ཆུ་སྡོད་མི་ཚུ་གིས་མཐོང་རུང་ ལོག་འོང་ནི་མེད་པར་ཡུན་རིངམ་ཡར་སོངཔ་ལས་ ཕམ་སྤུན་ཆ་ཚུ་སྔུམ་རལམ་འཐབ་སྟེ་ ཉིན་ནུབ་བདའ་སྦྱེལ་འཚོལ་རུང་མ་ཐོབ་པས། ཨིན་རུང་ཚར་གཅིག་འབདཝ་ད་ ཨའི་དང་ཕྱད་པར་འོང་སྟེ་ ང་བཅས་མ་སྨད་གཉིས་ཚེ་འདི་ལུ་ཕྱད་པའི་མཇུག་ད་རིས་ཨིན་པས། ང་ས་གནས་འདི་ཁ་ལས་བརྒལ་ཏེ་འགྱོ་མི་ཆོག་པའི་དམ་བཅའ་ཡོད་ཟེར་སླབ་ཞིནམ་ལས་ བང་ཅུང་ཁ་བཅད་བཅདཔ་ཅིག་ཨའི་ལུ་སྤྲོད་དེ་ ཞག་གསུམ་མ་ལང་ཚུན་ཁ་མ་ཕྱེ། ཞག་གསུམ་གྱི་རྟིང་མར་ཁ་ཕྱེ་བལྟ་ཟེར་སླབ་འབད་སྦེ་ མ་སྨད་གཉིས་ཁ་གྱེས་ཡར་སོང་ནུག དེ་ལས་ཨའི་གིས་ ཞག་གསུམ་གྱི་ཤུལ་ལས་བང་ཅུང་ཁ་ཕྱེ་སྟེ་ལྟཝ་ད་ དེའི་ནང་ན་ གཡུ། བྱུ་རུ། མུ་ཏིག ནོར་བུའི་བྱེ་བྲག་ཐང་མེདཔ་ཅིག་ཡོད་ནི་འདི་གིས་ ཁོང་བཟའ་ཚང་ཚུ་ཕྱུགཔོ་འདོད་དྲགས་ཅིག་ལུ་འགྱུར་སོ་ནུག ས་དབྱིབ་སྒང་དང་མ་སྨད་གཉིས་ཁ་བྱལ་ས་འབད་ནི་འདི་གིས་ ས་གནས་ཀྱི་མིང་ཡང་བྱལ་སྒང་ཟེར་སྲོལ་བྱུང་རུང་ ཤུལ་ལས་མིང་གི་ཟུར་ཉམས་ཏེ་ བྱལ་སྐད་སྒང་ཟེར་དར་ཁྱབ་སོང་ནུག
དེ་གིས་ཡང་མ་དོ་བར་ རོ་པའི་མགོ་སྐྱེས་ཞྭརཝ། ཤར་གྱི་ཨ་ལུ་དཔལ་འབྱོར་ཟེར་མི་ཚུ་ཡང་ གནས་བདག་མཁར་ཆེན་གྱི་འཁོར་སྦེ་ཚུད་དེ་ཡོདཔ་ཨིན་པས།
བུམ་ལྟག་ཁ་མིང་བཏགས་དགོ་པའི་ཁུངས།
མཁར་ཆེན་གྱི་གནས་ཁང་གི་སྒོ་ར་སྒོ་དང་པ་འདི་ ལངམ་སྦྱིས་སྒང་ལུ་ཨིནམ་མ་ཚད་ གཉིསཔ་འདི་བུམ་ལྟང་ཁར་ཨིན་པས། ས་ཁོངས་བུམ་པའི་དབྱིབས་བཟུམ་སྦེ་ཡོད་པའི་ལྟག་ལུ་འབད་ནི་འདི་གིས་ ས་གནས་ཀྱི་མིང་ཡང་བུམ་ལྟག་ཁ་ཟེར་སླབ་ཨིན་པས། ས་ཁོངས་དེ་ཡར་བཅད་ཀྱི་མི་སེར་ཚུ་ ཆུ་ཕུ་ཚ་ཆུ་ལུ་འགྱོཝ་ད་ ཕྱོགས་ཕོག་མི་ཕོག་བལྟ་མི་དགོཔ་ཨིན་པས།
སྐྱེལ་པའི་ལོག་ཟེར་བའི་མིང་གནས་བྱུང་ཚུལ།
ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་ཞབས་སྐྱེལ་འོང་མི་ཚུ་ ས་གནས་དེ་ཁ་ལས་ལོག་ རྒྱ་གར་ནང་སོང་ནི་འདི་གིས་ ས་ཁོངས་ཀྱི་མིང་ཡང་སྐྱེལ་པའི་ལོག་ཟེར་སླབ་སྲོལ་བྱུང་ནུག
སླབ་སྲོལ་གཞན་ཅིག་ལས་ ཆོས་རྗེ་འབྲུག་པ་ཀུན་ལེགས་མཆོག་ ཚ་ཆུ་ཕུ་ཁ་ཐུག་ལུ་ཞབས་སྐོར་ལུ་བྱོནམ་ད་ གཡུས་ཚན་འདི་ནང་གི་མི་སེར་ཚུ་གིས་ བློ་ཕོག་ཡིད་ཕོག་སྦེ་ ཆོས་རྗེ་རིན་པོ་ཆེ་ལུ་ ཆབ་ཆུ་འབོལ་ཚད་མེདཔ་སྦེ་དྲང་ནི་འདི་གིས་ གནམ་མེད་ས་མེད་ཐུགས་དགྱེས་ཏེ་ ཁྱིམ་འདི་ནང་འདོད་ཡོན་གྱི་བསྐལཔ་ཆགས་ནུག་ཟེར་གསུངས་ཞིནམ་ལས་ ཡ་གི་ས་གནས་ནང་བྱཱ་འཚོ་ག་མི་འཚོ་ལྟ་གེ་ཟེར་ ཞལ་ཆུ་ཕུ་ཚ་ཆུ་ཁ་ཐུག་ལུ་བསྒོར་ཏེ་ ཐུགས་སྨོན་གནང་ཞིནམ་ལས་ ཕྱག་འབྲུ་སྟོར་གནངམ་ད་ འབྲུ་ཕུད་རྡོག་གསུམ་འབད་མི་ཅིག་ཧུམ་པ་ཐང་གི་ལྟག་ རྡོག་ཕུག་གཅིག་གུ་ཆགས་པའི་རྟེན་འབྲེལ་གྱིས་ གཡུས་ཚན་འདི་ས་ཁ་མཐོ་སུ་ཅིག་ཨིན་རུང་ བྱཱ་འཚོཔ་མ་ཚད་ ད་རིས་ནངས་པ་ཡང་རྡོག་ཕུག་གུ་བྱཱ་བོང་ཁོགས་གསུམ་ཡ་མཚན་ཆེ་ཏོག་ཏོ་སྦེ་སྐྱེས་ཏེ་ཡོདཔ་ཨིན་པས། ཆོས་རྗེ་རིན་པོ་ཆེ་གིས་ ཁྱིམ་འདི་ནང་འདོད་ཡོན་གྱི་བསྐལཔ་ཆགས་ནུག་ཟེར་གསུངསམ་མ་ཚད་ ས་ཁོངས་འདི་ཁ་ལས་ ལོག་སྤུངས་ཁ་ཐང་ཁ་ཐུག་བྱོན་ནི་འདི་གིས་ ས་གནས་ཀྱི་མིང་བསྐལ་པའི་ལོག་ཟེར་དར་ཁྱབ་སོང་ནུག
རྟ་མི་ཨ་ལུ་ཟ་ས།
ཧེ་མའི་དུས་ལུ་ རྟ་མི་འདམ་ཆིའི་ཨམ་སྲུ་ཚུ་གིས་ ཨ་ལུ་ག་དེམ་ཅིག་སྐྱེས་རུང་ མི་གསོ་དོ་ཡོདཔ་ལས་ གཡུས་ཁའི་མི་ཚུ་གྱོས་སྐོར་བསྡུ་སྟེ་ ག་ཅི་གིས་གཡོ་འཕྲུལ་ཅིག་ཨིན་ན་ཟེར་ཐུགས་བརྟག་ཞུཝ་ད། གཡུས་ཚན་གྱི་གདོང་ཕྱོགས་ལུ་ བྱག་གུ་སྲིན་པོའི་གཟུགས་བརྙན་ཡོད་ནི་འདི་གིས་ཨིནམ་ལས་ གཡུས་མི་ཚུ་གིས་ སྲིན་པོའི་མཆེཝ་གི་ཚུལ་སྦེ་ཡོད་མི་རྡོ་སྤོག་བཀོ་ཞིན་ན་ལས་ཚུར་ ཧེ་མ་བཟུམ་སྦེ་གནོད་རྐྱེན་མ་བྱུངམ་པས་བཤདཔ་ཨིན་པས།
མཁར་ཆེན་པའི་མར་ཁུ་བཙིར་ས།
གནས་བདག་མཁར་ཆེན་གྱི་ མར་ཁུ་བཙིར་ས་ཨིན་ཟེར་ རྡོ་ཕུག་ཅིག་ཡོད་མི་འདི་ ཚོས་གཞི་སྨུག་ཙིག་ཙི་ཧུམ་ཆོབ་ཆོ་སྦེ་ཡོད་པ་ཅིན་ གཡུས་ཁར་སྤང་ཙི་ལོ་ལེགས་པའི་རྟགས་དང་ གནས་རྡོ་འདི་ཐལ་ཁོགས་རི་རི་ཨིན་པ་ཅིན་ སྤང་ཙི་ལོ་མི་ལེགསཔ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་པས།

ཁུངས་སྐྱེལ་མི་ རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཚོགས་ཆུང་གི་འཐུས་མི་ ཆེད་བསྟོད་ཅན་གྱི་འཐུས་མི་བགྲེསཔ་རྣམ་རྒྱལ་དབང་ཕྱུག་ཨིན། ཨིན་རུང་ཝི་ཅེཊ་སྡེ་ཚན་ནང་ཉན་ཏེ་ བྲིས་བྲིསཝ་འབད་ནི་འདི་གིས་ དུམ་གྲ་རེ་ལྷག་ཆད་ཞུགས་ཞུགསཔ་འོང་། དེ་འབད་ནི་འདི་གིས་ ཟིན་བྲིས་ཨིན་པའི་ཐུགས་བཞེད་གནང་སྟེ་ ཧེང་སྐལ་ཁུངས་སྐྱེལ་ནི་དང་ བཅོ་ཁ་རྐྱབ་དགོཔ་ཡོད་པ་ཅིན་ དེ་འཕྲལ་ལས་གསུངས་གནང་ལགས།

ཕྲལ་གྱི་གནད་དོན།

དྲགཔ་མཁས་པའི་ཐོ་བཀོད། Registration for DDK

  མཚན། Name (required) གློག་འཕྲིན་འདི་འོག་གི་ས་སྟོང་ནང་འདྲ་བཤུས་ཕབ། (Mention below this email dzongkhakyed2017@gmail.com (required) འགྲུལ་འཕ...