Showing posts with label ལཱ་སྐོར།. Show all posts
Showing posts with label ལཱ་སྐོར།. Show all posts

2023/05/21

དྲགཔ་མཁས་པའི་ཐོ་བཀོད། Registration for DDK

 


དྲགཔ་དྲགཔ་མཁསཔ། Riddle Competition

 


རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་གིས་ དྲགཔ་དྲགཔ་མཁསཔ་ཟེར་ བློ་རིག་མཁས་ཧིང་བལྟ་ནིའི་ལཱ་སྐོར་ཅིག་འགོ་འདྲེན་འཐབ་ཨིན།

དེ་ཡང་གཙོ་བོ་ར་གཞོན་ཅུང་ཆ་ཁྱབ་ཀྱིས་ སྔར་སྲོལ་ལམ་ལུགས་ལུ་ དང་འདོད་བསྐྱེད་བཅུག་ནི་དང་། རང་སོའི་རིག་རྩལ་ཡར་དྲགས་གཏང་ནིའི་དོན་ལུ་ཨིན་རུང་ རྒན་ཤོས་ཚུ་གིས་ཡང་གྲས་ཁར་གཏོགས་ཆོག།

༡༽ WeChat and Telegram སྡེ་ཚན་ནང་སྦེ་ གཟའ་ཟླཝ་ཨ་རྟག་ར་ཕྱི་རུ་ཆུ་ཚོད་༥ ལས་༦ ཚུན་ དུས་ཡུན་ཆུ་ཚོད་གཅིག་གི་རིང་ལུ་ འགོ་འདྲེན་འཐབ་ནི་ཨིན།
དྲགཔ་དྲགཔ་མཁསཔ་འགོ་བཙུགས་ཏེ་ དྲི་བ་བཀོདཔ་ཅིག་ ག་མགྱོགས་གུ་མགྱོགས་རྐྱབ་སྟེ་ བློ་གི་མདུད་ཕུད་འཁྱོལ་ཚུགས་མི་འདི་ལུ་ཆ་བཞག་ནི།

༢༽ དྲི་བ་བཀོད་དེ་ དུས་ཡུན་སྐར་མ་གཅིག་བྱིད་སོང་རུང་ སྐད་བ་མེནམ་འབུང་ཡང་བཏོན་ནི་མེད་པ་ཅིན་ གཞན་ལུ་གོ་སྐབས་བྱིན་ནི་ཨིན། ཨིན་རུང་ལན་ཕྱེདཔ་ཀོབ་ཅིག་སླབ་ད་པ་ཅིན་ དྲི་བ་གཉིས་པའི་ལན་འཇལ་ནིའི་གོ་སྐབས་ཡོད།

༣༽ དྲི་བ་དང་པ་དང་གཉིས་པའི་ལན་ཕོག་རུང་ མཇུག་གི་དྲི་བ་གི་ལན་ཀྲིག་ཀྲི་སྦེ་མ་ཕོག་པ་ཅིན་ དགའ་ཚོར་གྱི་གསོལ་ར་མི་འཐོབ།

༤༽ དྲི་བ་གསུམ་ཆ་རའི་ལན་ འོས་ལྡན་ལྡན་སྦེ་ཕོག་སྟེ་གསོལ་ར་ཐོབ་ཆེ་བ་ཅིན་ རྟིང་མ་གི་བདུན་ཕྲག་ནང་ལས་བརྒལ་ཏེ་གྲས་ཁར་གཏོགས་མི་ཆོག། ཨིན་རུང་ལན་མ་ཕོག་པ་ཅིན་ ལོག་སྟེ་ར་སླ་ཁར་འཛུལ་ཆོག།

༥༽ བདུན་ཕྲག་རེ་ལུ་ དོན་ཚན་རེ་གདམ་ཁ་རྐྱབ་ནི་ཨིནམ་མ་ཚད་ བདུན་ཕྲག་ཤུལ་མམ་ནང་འགོ་འདྲེན་འཐབ་ནི་ཨིན་མི་དོན་ཚན་འདི་ ད་རེས་ཀྱི་བདུན་ཕྲག་ནང་གསལ་བསྒྲགས་འབད་འོང་།

བདུན་རིམ་བཞིན་ དྲག་ཤོས་འཐོན་མི་ཚུ་གི་གྲས་ལས་ ཟླ་མཇུག་ལུ་ དྲག་པའི་ནང་ལས་དྲགཔ་ཅིག་བཏོན་ནི་ཨིན།

དྲགཔ་དྲགཔ་མཁས་པའི་གྲངས་སུ་ ཐོ་བཀོད་རྐྱབ་ནིའི་དོན་ལུ་ འཛུལ་འཐུས་ཏི་རུ་ ༢༥༠ཐམ་པ་བཙུགས་ད་པ་ཅིན་ ལོ་ངོ་གཅིག་བྱེལཝ་མེད། དེ་ཡང་བློ་གི་མདུད་ཕུད་འཁྱོལ་ཚུགས་མི་ཚུ་ལུ་ རྩིས་ཤོག་བྱིན་ནིའི་དོན་ལུ་བསྡུཝ་ཨིན།

The Dzongkha Labthang Consultancy Service will be organizing Riddles competition for children through WeChat on every Sunday from 5:00 PM to 6:00 PM on various topics.
Participants who answer three questions correctly will be rewarded prizes as a gesture of appreciation. However, if a participant’s answer to the last question is incorrect, the opportunity will be given to the next participant.
Therefore, interested individuals can avail of these services for one year by depositing an entry fee of Nu. 250.

༼ཁ་སྐོང་ཤེས་ཡོན། Advanced Educational Programs༽

དང་ཕུ་དུས་རྒྱས་ཀྱི་རྫོང་ཁའི་མིང་ཚིག་སླབ་དགོ་བདེ་ཏོག་ཏོ་དང་ ཉན་དགོ་མནོ་སི་སི་ཐང་མེདཔ་ཅིག་ཡོད་རུང་ སྣང་དག་ར་མ་བསྐྱེད་པ་བཞག་ནི་འདི་གིས་ མང་ཤོས་ཅིག་ཡལ་ནི་གུར་ལྷོད་སོ་ནུག། འ་ནེ་སྦེ་ནི་འདི་གིས་ དེ་ཚུ་ངོ་སྟོན་ཞིན་ན་དར་ཁྱབ་གཏང་ནི་ལུ་རྩ་འགེངས་ནི།

༼དཔྱེ་གཏམ། Proverb༽

འཛམ་གླིང་རྒྱལ་ཁབ་གོང་འཕེལ་འགྱོཝ་དང་བསྟུན་ཏེ་ སྔར་སྲོལ་ཤེས་ཡོན་དང་ལམ་ལུགས་སྲོལ་ཚུ་ལུ་ དང་འདོད་བསྐྱེད་མི་འདི་ལོ་གཅིག་ལས་ལོ་གཅིག་ཉུང་སུ་འགྱོ་ནི་འདི་གིས་ ཕམ་རྒན་ཤོས་ཚུ་གིས་ དགའ་སྐྱོ་གི་བློ་ག་ཅི་ར་སླབ་རུང་ བར་ན་དཔྱེ་གཏམ་དཔྱེ་དོན་སྒྲིག་ཏོག་ཏོ་སྦེ་བཙུགས་ཏེ་སླབ་སྲོལ་ཡོད་མི་འདི་ཉམས་ནིའི་ཉེན་ཁ་སྦོམ་འདུག།

མ་པ་དཔྱེ་གཏམ་གྱི་ཐད་ཁ་ རྒྱལ་ཁབ་ལུ་ཤ་ཞེན་ཡོད་མི་ཚུ་གིས་ ཕར་དང་ཚུར་ལས་བསྡུ་ཞིནམ་ལས་ དཔེ་དེབ་སྦེ་བཟོ་སྟེ་ཡོད་པ་ལྷག་ཚེ་རྒྱུ་མིན་འདུག ག་ཅི་སྨོ་ཟེརནི་ གཙོ་བོ་ར་བློ་གི་བར་ན་བཙུགས་ཏེ་རྒྱང་རྩལ་སྒྲིག་ཏོག་ཏོ་སྦེ་སླབ་མ་ཤེས་པ་ཅིན་ དེ་བ་སྐྱོན་ཆེཝ་མིན་ནུག འ་ནེ་སྦེ་ཨིན་ནི་འདི་གིས་ རྫོང་ཁ་སླབ་ཐངས་གྲོས་བསྟུན་ཞབས་ཏོག་གིས་ འཇིག་རྟེན་རྒས་པའི་དཔྱེ་གཏམ་ཚུ་ བློ་གི་བར་ན་བཙུགས་ཏེ་སླབ་ཐངས་སྟོན་བྱིན་ནི་ལུ་རྩ་འགེངས་དོ་ཡོདཔ་ཨིན།

In addition, as a part of advanced Educational programs, will be providing coaching on Dzongkha terminologies used in olden days, as well as appropriate usage of worldly sayings/proverbs for pleasant and convenient conversations.

ཐོ་བཀོད་རྐྱབ་ནིའི་དོན་ལུ་ འོག་གི་འབྲེལ་མཐུད་གུར་ཨེབ་གནང་། Please click on the link below for registration

https://dzkha.blogspot.com/2023/05/registration-for-ddk.html


2018/05/18

ལཱ་སྐོར།

རྫོང་ཁ་སླབ་ཐངས་གྲོས་བསྟུན་ཞབས་ཏོག་ལས་སྡེ་འདི་ ཧེ་མ་རྫོང་ཁ་སླབ་ཐངས་སྡེ་ཚན་སྦེ་འགོ་བཙུགས་ཞིནམ་ལས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ དང་ཕུ་དུས་རྒྱས་ཀྱི་རྫོང་ཁའི་མིང་ཚིག་ཐང་མེདཔ་ཅིག་གུར་ གསུང་གྲོས་མནོ་མནོཝ་ཅིག་གནང་ཡི། 

2018/03/19

ཚོགས་ཆུང་གི་ཞལ་འཛོམས་འགོ་དང་པ་གནང་ཡོདཔ།


མི་སྡེའི་བརྡ་བརྒྱུད་ཝི་ཅེཊ་ཀྱི་ཐོག་ལུ་ རྫོང་ཁ་སླབ་ཐངས་ཀྱི་སྡེ་ཚན་འགོ་བཙུགས་ཏེ་ ལོ་༡དང་ཟླཝ་༣ཞག་༩ལངམ་ད་ཅིག་ཁར་ ད་ཚུན་གསུང༌གྲོས༌གནང༌ཡོད༌པའི༌གྲུབ་འབྲས་དང་ ད༌ལས༌ཕར༌གྱི༌འཆར༌གཞི༌བརྩམ་ནིའི་དོན་ལུ་ རང་ལུགས་གནམ་ལོ་མེ༌མོ་བྱ་ལོ་ ཟླ་༧པའི་ཚེས་༡༢སྤྱི་ཚེས་༣-༩-༢༠༡༧ལུ་ ཐིམ་ཕུག༌ལུ༌ཡོད་པའི་འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱི་ཡིག་ཚང་ནང་སྦེ་ ཚོགས་ཆུང་གི་ཞལ་འཛོམས་འགོ་དང་པ་གནང་ཡོདཔ་ཨིན།
5.jpg
དེའི་སྐབས་ཚོགས་ཆུང་གི་རྩིས་འཛིན་པ་ སློབ་རྣམ་རྒྱལ་དབང་འདུས་ཀྱིས་ ཞལ་འཛོམས་ཁང་རིན་མེད་སྟོང་པ་སྦེ་གནང་ཡོདཔ་མ་ཚད་ གསོལ་ཇ་དང་གསོལ་བའི་སྦྱིན་བདག་མཛད་མི་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡི།
1

ཕྲལ་གྱི་གནད་དོན།

དྲགཔ་མཁས་པའི་ཐོ་བཀོད། Registration for DDK

  མཚན། Name (required) གློག་འཕྲིན་འདི་འོག་གི་ས་སྟོང་ནང་འདྲ་བཤུས་ཕབ། (Mention below this email dzongkhakyed2017@gmail.com (required) འགྲུལ་འཕ...